Reflection ON Assistive Technology .

བསམ་ཞིབ་སྙན་ཞུ། ༉ དུས་རབས་ ༢༡ པའི་ནང་ལུ་ བརྡ་དོན་འཕྲུལ་རིག་འདི་ ང་བཅས་རའི་མི་ཚེ་ནང་ མེད་ཐབས་མེད་པའི་ལག་ཆ་ངོ་མ་ཅིག་ཨིན། དེ་ཡང་ གནས་ཚུལ་གསར་འཚོལ་འབད་ནི་ བརྡ་དོན་སྤྲོད་ལེན་འབད་ནི་དང་ གནས་སྟངས་ངོ་མའི་སྣང་བ་ཤར་ཚུགས་ནི་གི་མ་དོ་བར་ དབང་པོ་སྐྱོན་ཅན་འདི་ཚུ་ མི་གཞན་དང་ དོ་འགྲན་འབད་ཚུགས་པའི་འོས་འབབ་མེད་རུང་ བརྡ་དོན་འཕྲུལ་རིག་གྱི་ ལཱ་འབད་ནི་ནང་ལུ་ ལྷན་ཐབས་ཀྱི་རྒྱབ་སྐྱོར་འབདཝ་ཨིན། དེ་བཟུམ་སྦེ་ Familiarizing ICT based tools for inclusive learning གིས་ བརྡ་འཕྲུལ་རྒྱབ་སྐྱོར་མཁོ་ཆས་ (Assistive technology) ལས་བརྟེན་ སློབ་ཕྲུག་གི་ཤེས་ཡོན་ལྷབ་སྦྱང་ལུ་ རྒྱབ་སྐྱོར་བྱིན་ནི་ མི་སྡེ་དང་འབྲེལ་མཐུན་བཟོ་ནི་དང་ དྲང་བདེན་གྱི་ཐོག་ལས་ གོ་སྐབས་ལེན་ཚུགསཔ་ཨིན་ཟེར་བཀོད་དེ་འདུག། ལྷག་པར་དུ་ ཤེས་ཡོན་གོང་འཕེལ་གྱི་དོན་ལུ་ འབྲི་ནི། སླབ་ནི། ལྷག་ནི། ཉན་ནི། མཐོང་ནི། བརྡ་སྟོན་ནི་དང་ དྲན་ཤེས་ཀྱི་དོན་ལུ་ ཆ་རོགས་འབདཝ་ཨིན། དེ་འབདཝ་ལས་ སྤྱི་ཟླ་ ༡༡ པའི་སྤྱི་ཚེས་ ༢ ལུ་ རིན་སྤུངས་ཨ་ལོ་གཅེས་སྐྱོང་ལྟེ་བ་ནང་ལུ་ དབང་པོ་སྐྱོན་ཅན་གྱི་དོན་ལུ་ བརྡ་འཕྲུལ་རྒྱབ་སྐྱོར་མཁོ་ཆས་ (Assistive technology) ག་ཅི་རང་ལག་ལེན་འཐབ་དོ་ག་ ལྟ་རྟོག་ནང་ལུ་ འགྱོ་ཡོད་མི་འདི་ གཤམ་གསལ་ལྟར་དུ་བཀོད་དེ་ཡོདཔ་ཨིན་ལགས། དེ་ཡང་ སློབ་དཔོན་གྱིས་ སློབ་ཁང་ནང་ ཨ་ལོ་དབང་པོ་སྐྱོན་ཅན་ཡོད་མི་འདི་ཚུ་ བརྡ་འཕྲུལ་རྒྱབ་སྐྱོར་མཁོ་ཆས་ (Assistive technology) དཔེར་ན་ mouth stick, braille display, braille note taker, talking calculator, braille watch, jaw5. Amplifiers དང་ screen reader འདི་ཚུ་ སློབ་སྟོན་འབད་ཡོད་རུང་ རིན་སྤུངས་ཨ་ལོ་གཅེས་སྐྱོང་ལྟེ་བ་ནང་ལུ་ ལག་ལེན་འཐབ་ནི་མིན་འདུག་ལགས། དེ་གི་ཚབ་ལུ་ ག་ཅི་རང་ལག་ལེན་འཐབ་ནི་འདུག་ཟེར་བ་ཅིན་ 400+Card Customizable Picture Symbol Communication Binder, Grips (བཟུང་ནིའི་བོལཱ), blocks, Spinning, Smart TV, ཚུ་འདུག་ལགས། འདི་ཚུ་གི་ཕན་པ་ཡང་ ཨ་ཙི་རེ་བཤད་གནང་དེས། དེ་ཡང་ ཨང་གྲངས། ཅ་ཆས་ཀྱི་མིང་། ཕན་པ། ༡ 400+Card Customizable Picture Symbol Communication Binder  དབང་པོ་སྐྱོན་ཅན་འདི་ཚུ་ ཕན་ནུས་ཅན་འབད་ བརྡ་དོན་སྤྲོད་ལེན་འབད་ཚུགས། ༢ Grips (བཟུང་ནིའི་བོལཱ)  གནས་སྟངས་ཀྱི་དཀའ་ངལ་དང་ཚ་གྱང་ཚུ་ མར་ཕབ་འབད་ཚུགས་པའི་ཁེ་ཕན་ཡོདཔ་འབད་བཤད་དེས། ༣ Blocks  དབང་པོ་སྐྱོན་ཅན་འདི་ཚུ་ དབྱིབས་མ་འདྲཝ་ཚུ་ངོས་འཛིན་འབད་ཚུགས་ནི།  རིག་པ་རྒྱ་སྐྱེད་བཏང་ནི་དང་ ལགཔ་གིས་གཟུང་པའི་སྐབས་ ཚད་འཛིན་(hand control)འབད་ཚུགས་པའི་ དགོས་པ་ཡོདཔ་འབད་བཤད་དེས། ༤ Spinning,  སློབ་ཕྲུག་ཚུ་ ཁུ་སིམ་སི་འབད་སྡོད་ཚུགསཔ་ཨིན་ཟེར་ བཤད་དེས་ལགས ༥ Smart TV  སློབ་ཕྲུག་གི་ མནོ་རིག་རྒྱ་སྐྱེད་བཏང་ནི་ལུ་ ཁེ་ཕན་ཡོད་ཟེར་བཤད་དེས་ལགས། འདི་ཚུ་ སློབ་ཕྲུག་ལུ་ ལག་ལེན་འཐབ་ཨིན་ཟེར་གསུངསམ་མ་ཚད་ ང་བཅས་མི་ངོ་རེ་རེ་ལུ་ ཅ་ཆས་དཀྲོགས་ནིའི་ གོ་སྐབས་ཡང་གནང་དེས་ལགས། ལྷག་པར་དུ་ བརྡ་འཕྲུལ་རྒྱབ་སྐྱོར་མཁོ་ཆས་ (Assistive technology) འདི་ལག་ལེན་ནི་མེདཔ་སྦེ་གསུངསམ་ཨིན་རུང་ དེ་གི་ཚབ་ལུ་ ཨ་ལོ་དབང་པོ་སྐྱོན་ཅན་ཚུ་ལུ་ དགོས་མཁོ་ཆེ་བའི་ ཡོངས་འབྲེལ་ YouTube དང་ Google གཉིས་ལག་ལག་འཐབ་སྟེ་ དུས་ཐུང་གློག་བརྙན་དང་ པར་རིས་ཚུ་ཕབ་ལེན་འབད་དེ་ ལག་ལེན་འཐབ་དགོཔ་འདི་ ཁག་ཆེཝ་སྦེ་གསུངས་དེས་ལགས། དེ་མ་ཚད་ སློབ་དཔོན་གྱིས་ དུས་རབས་ ༢༡ པའི་ནང་ལུ་ བརྡ་དོན་འཕྲུལ་རིག་ག་ཅི་འབད་ཁག་ཆེཝ་ཨིན་ན་དང་ ག་དེ་སྦེ་ལག་ལེན་འཐབ་དགོཔ་ཨིན་ན་དང་ བརྡ་དོན་འཕྲུལ་རིག་གི་མ་འོངས་ལེགས་བསྒྱུར་སྐོར་ལས་ ཁ་གསལ་འབད་གསུངས་དེས་ལགས། དེ་བཟུམ་སྦེ་ ང་བཅས་ འབྲུག་རྒྱལ་ཁབ་འདི་ རྒྱལ་ཁབ་གཞན་བཟུམ་སྦེ་ བརྡ་དོན་འཕྲུལ་རིག་གོང་འཕེལ་མ་འགྱོཝ་ལས་བརྟེན་ཏེ་ དབང་པོ་སྐྱོན་ཅན་གྱི་ བརྡ་འཕྲུལ་རྒྱབ་སྐྱོར་མཁོ་ཆས་ (Assistive technology) ལངམ་འབད་མེད་མི་དང་ དེའི་སློབ་སྟོན་པ་མཁས་མཆོག་ཚུ་མེདཔ་ལས་བརྟེན་ དབང་པོ་སྐྱོན་ཅན་ཚུ་ལུ་ ཕན་ཐོག་ཅན་སྦེ་སློབ་སྟོན་འབད་ནི་ལུ་ གདོང་ལེན་ཡོདཔ་འབད་བཤད་དེས་ལགས། མཇུག་རང་ དུས་རབས་ ༢༡ པའི་ནང་ལུ་ ང་བཅས་རང་ན་གཞོན་ཚུ་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ཤེས་དགོཔ་འདི་ གནམ་མེད་ས་མེད་གལ་ཆེ་ཤོས་ཅིག་ཨིན། མི་དབང་མངའ་བདག་རིན་པོ་ཆེ་གིས་ ན་གཞོན་ཚུ་ག་རང་ བརྡ་དོན་འཕྲུལ་རིག་འདི་ ལག་ལེན་འཐབ་ཤེས་དགོ་ཟེར་ ཡང་ལས་ཡང་དུ་གསུངས་ཏེ་ཡོདཔ་ཨིན། ལྷག་པར་དུ་ སློབ་ཕྲུག་དབང་པོ་སྐྱོན་ཅན་ཚུ་ལུ་ བརྡ་དོན་འཕྲུལ་རིག་གི་ཐོག་ལས་ ཆོས་ཡོན་ཏན་ཚུ་སྤེལ་ནིའི་དོན་ལུ་ ལག་ཆ་ངོ་མ་ཅིག་ཨིན། དེ་ཡང་ སློབ་ཕྲུག་ལ་ལུ་ རྣམ་ཅོ་མ་གོ་མི། ལ་ལུ་མིག་ཏོ་མ་མཐོང་མི། ཡི་གུ་འབྲི་མ་ཚུགས་མི་ཚུ་ལུ་ མཁས་པ་ཚུ་གིས་མཛད་བཞག་མི་ ཐབས་ལམ་དང་ཐབས་ཤེས་འདི་ཚུ་ ཡོངས་འབྲེལ་ལས་ཕབ་ལེན་འབད་དེ་ ལག་ལེན་འཐབ་དགོཔ་འདི་ ག་ནི་བ་གལ་ཆེ་ཟེར་ཞུ་ནི་ཨིན་ལགས། དེ་མ་ཚད་ དབང་པོ་ལུ་སྐྱོན་ཞུགས་མི་ཚུ་ ག་ནི་ཡང་མི་ཤེས་པས་ཟེར་དམའ་ཕབ་རྐྱབ་ནི་མེན་པར་ ཧེང་སྐལ་གདོང་ཁར་བཙུགས་ཏེ་ རྒྱབ་སྐྱོར་བྱིན་དགོཔ་འདི་ ང་བཅས་ད་ལྟོ་གིས་ན་གཞོན་ཚུ་ལུ་ འགན་ཁུར་ཕོགཔ་ཨིན། དེ་འབདཝ་ལས་ ང་བཅས་ཚུ་གིས་ ད་ལྟོ་ལས་རང་འགན་ཁུར་འཐེབ་འབག་སྟེ་ དབང་པོ་སྐྱོན་ཅན་དང་འབྲེལ་བའི་བརྡ་དོན་འཕྲུལ་རིག་ཚུ་ ལྷབ་སྦྱང་འབད་དེ་ སློབ་ཕྲུག་ཚུ་ལུ་ལག་ལེན་འཐབ་དགོཔ་འདི་ ག་ནི་བ་གལ་ཆེ་ཟེར་ཞུ་ནི་ཨིན་ལགས། ༼བཀའ་དྲིན་ཆེ་ལགས།༽

Comments

Popular posts from this blog

བརྡ་དོན་འཕྲུལ་རིག་གི་སྐོར།