ICT integrated lesson plan

འཆར་གཞི་ཨང་ ༠༡། སློབ་སྟོན་པ་ སྡེ་ཚན་བཞི་པ། སློབ་རིམ་ ༢ པ། Analyze the learner སློབ་ཕྲུག་གྱངས་ཁ་ ༢༠། སྤྱི་ཚེས་ ༢༧/༡༡/༢༠༢༢ ཐུན་ཚན་ དང་པ། དུས་ཡུན་སྐར་མ་ ༤༠། སློབ་སྟོན་མཁོ་ཆས་མཛོད་ཐོ། ༡༽ སྦྱོང་ལཱ་དང་པ། རང་རྐྱང་སྦེ་འབད་ནི། མཁོ་ཆས། menti meter ༢༽ སྦྱོང་ལཱ་གཉིས་པ། སྡེ་ཚན་ནང་འབད་ནི། མཁོ་ཆས། Telegram དབྱེ་ཞིབ་ཐབས་ལམ། གློ་རིག་ཐོག་ལས་ སྦྱོང་ལཱ་འབད་དེ་ དབྱེ་ཞིབ་འབད་ནི་ཨིན། སློབ་སྟོན་མཇུག་བསྡུ། padlet དང་ གློག་འཕྲིན་གཉིས་ཀྱི་ཐོག་ལས་ དྲི་བ་དྲིས་ལན་འབད་དེ་ དབྱེ་ཞིབ་འབད་ནི། སློབ་སྟོན་ལས་དོན། State the learning objective. ABCD Model སློབ་སྟོན་འདི་མཇུག་བསྡུཝ་ད་ སློབ་ཕྲུག་རེ་རེ་བཞིན་དུ་གིས་ ● སྒོ་ནོར་སེམས་ཅན་གྱི་ གོ་དོན་སློབ་དཔོན་གྱིས་སློབ་ཕྲུག་ལུ་ སླབ་བྱིན་ཞིནམ་ལས་ གོ་དོན་རང་གི་ཧ་གོ་མི་གཅིག་སླབ་ཚུགས་ནི། (Cognitive) ● སྒོ་ནོར་སེམས་ཅན་གྱི་ པར་གཅིག་ལུ་བལྟ་སྟེ་ བཤད་པ་ཐུང་ཀུ་རེ་འབྲི་ཚུགས་ནི།(psychomotor) ● སློབ་དཔོན་དང་སློབ་ཕྲུག་གི་བར་ན་ གྲོས་བསྡུར་འབད་ གློག་བརྙན་འདི་བལྟ་ཞིནམ་ལས་ སེམས་ཅན་རེ་རེ་བཞིན་དུ་གིས་ ཕན་པ་གཉིས་རེ་སླབ་ཚུགས་ནི། ༼Effective༽ སློབ་སྟོན་ངོ་སྤྲོད། དུས་ཡུན་སྐར་མ་ ༥། State Strategies, Technology, Media and materials སྐུ་གཟུགས་བཟང་པོ་ ཨ་ལོ་ཚུ། ག་ར་ལེགས་ཤོམ་འབད་ར་ཡོད་ག? སྟེ་ ག་ར་ཚང་ནུག་ག? དྲག་དྲག་ ཨ་རྟག་ར་དེ་འབད་འོང་དགོ་མས། ད་ དེ་འབད་བ་ཅིན་ ང་བཅས་ཚུ་གློག་བརྙན་གཅིག་བལྟ་གེ་ བཏུབ་ག? གློག་བརྙན་འདི་གིས་དོན་ལུ་ འོག་ལུ་ཡོད་པའི་འབྲེལ་མཐུད་ནང་ཨེབ་སྟེ་བལྟ་ནི་ཨིན་ བཏུབ་ག? https://www.youtube.com/watch?v=1WdrnPAz YUc དེ་བཟུམ་སྦེ་ འོག་ལུ་བཀོད་དེ་ཡོད་པའི་ པར་ཚུ་ལེགས་ཤོམ་འབད་བལྟ་དགོ་མས། དེ་འབད་བ་ཅིན་ ད་རིས་ ང་བཅས་ཚུ་ག་ཅིའི་སྐོར་ལས་ ལྷབ་ནི་བཟུམ་འདུག? འུམ་་་ ཁྱོད་ཚུ་གིས་ སླབ་དོ་བཟུམ་ཨིན། ད་རིས་ ང་བཅས་ཚུ་ སྒོ་ནོར་སེམས་ཅན་གྱི་སྐོར་ལས་ ལྷབ་ནི་ཨིན་བཏུབ་ག གློག་བརྙན་འདི་ལུ་བལྟ་བ་ཅིན་ སྒོ་ནོར་སེམས་ཅན་ཟེར་མི་འདི་ ག་ཅི་ལུ་སླབ་ཨིན་མས? འུམ་་་་ བཀའ་དྲིན་ཆེ། ཁོ་གིས་ སླབ་དོ་བཟུམ་སྦེ་ར་ཨིནམ་མས་སྨོ? དེ་ལས་ བསོད་ནམས་ཁྱོད་ཀྱི་ཁྱིམ་ནང་ སྒོ་ནོར་སེམས་ཅན་ག་ཅི་ར་ཡོད? འོང་་་སྟེ་ ཁྱོད་ཀྱི་ཁྱིམ་ནང་ལུ་ཡོད་པའི་ སེམས་ཅན་ཚུ་གིས་ཁྱོད་ལུ་ ཕན་ཐོགས་ག་ཅི་ར་འདུག? འུམ་་་ཁྱེད་མངམ་གྱིས་ར་གློག་བརྙན་འདི་ལས་ ལེགས་ཤོམ་འབད་ར་ཧ་གོ་ནུག་སྨོ། ཨིན་རུང་ ང་བཅས་ཚུ་ མངམ་སྦེ་ཤེས་ཐབས་ལུ་ ང་གིས་ནཱ་ལས་ སྟོན་ནི་ཨིན་བཏུབ་ག་ ཨ་ལོ་ཚུ། སློབ་སྟོན་བརྡ་སྤྲོད། དུས་ཡུན་སྐར་མ་ ༡༠། གནས་སྟངས་དང་བསྟུན་ཏེ་ དྲན་པ་བཀུག་ནི། ༼སློབ་ཁང་ སློབ་ཁང་།༽ དང་པ་རང་ ང་གིས་ སྒོ་ནོར་སེམས་ཅན་གྱི་ གོ་དོན་དང་མིང་རེ་རེ་བཞིན་དུ་ སྟོན་ནི་ཨིན། དེ་ལས་ ཕན་པ་ཚུ་གློག་བརྙན་གྱི་ཐོག་ལས་ སྟོན་ནི་ཨིན། དེའི་ཤུལ་ལས་ ཆ་སྡེ་ནང་ལུ་སྡོད་དེ་ སྒོ་ནོར་སེམས་ཅན་རེ་རེ་གི་པར་ལུ་བལྟ་སྟེ་ བཤད་པ་རྐྱབ་ནི་ཨིན་བཏུབ་ག་ཨ་ལོ་ཚུ། དེ་འབད་བ་ཅིན་ སྒོ་ནོར་སེམས་ཅན་ཟེར་མི་འདི་ ང་བཅས་མི་ཚུ་གིས་གསོ་སྐྱོང་འཐབ་སྟེ་ དུས་ཨ་རྟག་ར་ མི་དང་གཅིག་ཁར་འབྲེལ་བ་འཐབ་ནི་དང་ ང་བཅས་ཚུ་ལུ་ཕན་ཐོགས་མི་ལུ་སླབ་ཨིན། ང་བཅས་ལུ་ ཕན་ག་དེ་སྦེ་ ཐོགསཔ་ཨིན་ན་ འ་ནི་འབྲེལ་མཐུད་(links) https://www.youtube.com/watch?v=SBtq4U5bNdg ནང་ཨེབ་སྟེ་ བལྟ་ནི་བཏུབ་ག་ཨ་ལོ་ཚུ། གློག་བརྙན་སྤྲོ་བ་འདུག་ག། དེ་འབད་བ་ཅིན་ སྒོ་ནོར་སེམས་ཅན་ བ་གི་ཨོམ་བྱིན་ནི་དང་ གླང་གི་ཞིང་རྨོ་ནི་ རྟ་གིས་འཁུར་ཆ་འབག་ནི་ བྱམོ་གིས་སྒོ་རྡོག་བྱིན་ནི་ཚུ་ལུ་ ཕན་ཐོགསཔ་ཨིན། དེ་འབདཝ་ལས་ དུས་ནམ་རང་འབད་རུང་ ང་བཅས་ཚུ་གི་ སེམས་ཅན་ལུ་གནོདཔ་བཀལ་ནི་མི་འོང་མས། ད་རུང་གཞན་དང་གཞན་ཡང་ ང་བཅས་ལུ་ཕན་ཐོགས་མི་ སྒོ་ནོར་སེམས་ཅན་ལེ་ཤ་ཡོད། དེ་ཚུ་ སྦྱོང་ལཱ་འབད་བའི་སྐབས་ལུ་ ཤེས་ཚུགས་བཏུབ་ག་ཨ་ལོ་ཚུ། ངལ་སངས། (brain break) དུས་ཡུན་སྐར་མ་ ༥། https://www.youtube.com/watch?v=jUDuyYAlI8M སྦྱོང་ལཱ་དང་པ། ༼ དུས་ཡུན་སྐར་མ་ ༡༠༽ Utilize Technology, media and materials བཀོད་རྒྱ། ཡ་ ད་འབདན་ང་བཅས་ཚུ་ སྦྱོང་ལཱ་ཅིག་འབད་ནི་བཏུབ་ག། སྦྱོང་ལཱ་འདི་ རང་རྐྱང་སྦེ་འབད་ནི་དང་ སྦྱོང་ལཱ་འདི་འབད་ནིའི་དོན་ལུ་ དུས་ཡུན་སྐར་མ་ ༡༠ འཐོབ་སྨ་རེ། ཧ་གོ་ཡི་སྨོ། དེ་ཡང་ ཁྱོད་ཚུ་གིས་ སྦྱོང་ལཱ་འདི་འབད་ནིའི་དོན་ལུ་ འོག་གི་གོ་རིམ་དང་འཁྲིལ་ཏེ་འབད་ནི་ཨིན། བཏུབ་ག། ༡༽ microsoft edge/google chrome ནང་འགྱོ་ཞིནམ་ལས་ search གུར་ཨེབ་དགོ། ༢༽ search གུར་ menti.com ཟེར་ཨེབ་ནི། ༣༽ དེ་ལས་ Enter the code to join & Vote on a presentation-Mentimeter གུར་ཨེབ་ དགོ། ༤༽ དེའི་ཤུལ་ལས་ Please enter the code ཟེར་མི་གུར་ Code 3235 2150 འདི་བྲི་དགོཔ་ཨིན། ༥༽ Code འདི་ཨེབ་ཚར་ཞིནམ་ལས་ Submit གུར་ཨེབ་དགོ། ༦༽ མཇུག་ར་ དྲི་བ་དང་བསྟུན་ཏེ་ ལན་གདམ་ཁ་རྐྱབ་ཞིནམ་ལས་ Submit གུར་ཨེབ་སྟེ་ སྦྱོང་ལཱ་འདི་མཇུག་བསྡུ་ནི་ཨིན། Require learner participation རྒྱ་བསྐྱེད་སྦྱོང་ལཱ། གལ་སྲིད་སྦྱོང་ལཱ་འདི་ དུས་ཡུན་སྐར་མ་༡༠ གི་ཧེ་མར་ཚར་བ་ཅིན་ ཁྱོད་རའི་ཁྱིམ་ནང་ལུ་ཡོད་པའི་ སྒོ་ནོར་སེམས་ཅན་ཚུ་གིས་མིང་བྲི་ཞིནམ་ལས་ དེ་ཚུའི་བཤད་པ་བྲི་ནི་ཨིན་བཏུབ་ག། བཀོད་རྒྱ་དབྱེ་ཞིབ། ང་གི་ཁྱོད་ཚུ་ལུ་ བཀོད་རྒྱ་ལེགས་ཤོམ་སྦེ་ར་འབྱིན་ཡི། ཡ་་་་་་ཨ་ལོ་ཚུ་བཀོད་རྒྱ་ལེགས་ཤོམ་འབད་ཧ་གོ་བ་ཅིན་ ཨང་གྲངས་༥་པ་གིས་ཡར་ལོང་སྟེ་ སྦྱོང་ལཱ་འདི་སྐར་མ་ག་དེམ་ཅིག་གི་རིང་ལུ་འབད་ནི་ལོ། འོ་འོ་་་་ཁྱོད་གིས་སླབ་དོ་བཟུམ་ཨིན། དྲག་དྲག་ཙ་བར་སྡོད། ད་ཨང་གྲངས་༡༢ གི་སྦྱོང་ལཱ་འདི་ ག་དེ་སྦེ་འབད་ནི་ལོ་ཡར་ལོང་སྟེ་སླབ་ཤིག། སྦྱོ་ལཱ་འདི་ སྡེ་ཚན་ནང་འབད་ནི་ཨིན་སྨོ་ ཆོས་སྐྱིད་ཀྱིས་སླབ་ནི། ཨིན་ཨིན་ཆོས་སྐྱིད་ཀྱིས་སླབ་དོ་བཟུམ་ སྦྱོང་ལཱ་འདི་སྡེ་ཚན་ནང་མེན་པར་ རང་རྐྱང་སྦེ་འབད་ནི་ཨིན་བཏུབ་ག་ཨ་ལོ་ཚུ། སྦྱོང་ལཱ་ལྟ་རྟོག ༼སྡེ་ཚན་ནང་སྐོ་ར་རྐྱབ་སྟེ་ སློབ་ཕྲུག་ག་ར་སྦྱོང་ལཱ་ནང་ བཅའ་མར་བཏོག་དོ་ག་མི་བཏོག་དོ་ག་ ལྟ་རྟོག་འབད་ནི། དེ་ལས་སློབ་ཕྲུག་ཚུ་ལུ་ དཀའ་ངལ་དང་གྲོགས་རམ་འབད་དགོཔ་རེ་ཡོད་པ་ཅིན་ ཆ་རོགས་འབད་འབྱིན་ནི་ཨིན།༽ སྦྱོང་ལཱ་དབྱེ་ཞིབ། ད་འབདན་སྦྱོང་ལཱ་འབད་ནིའི་་ དུས་ཚོད་ཚང་་ཡི། ག་ར་སྦྱོང་ལཱ་འབད་ཚར་ཡི་ག། དྲག་དྲག་་་་་་་་ཁྱོད་ག་ར་གིས་དུས་ཚོད་ཁར་ལཱ་མཇུག་བསྡུ་ནུག། ག་ར་ལུ་ལེགས་སོ་ཡོད། ལན་ཐད་ཀར་ཕོག་མི་ཚུ་ལུ་ གསོལ་རས་དང་ལན་མ་ཕོག་མི་ཚུ་ལུ་ བཅོ་ཁ་རྐྱབ་བྱིན་ནི་ཨིན། སྦྱོང་ལཱ་གཉིས་པ། དུས་ཡུན་སྐར་མ་ ༡༠། བཀོད་རྒྱ། ཡ་ ད་རུང་ ང་བཅས་ཚུ་ སྦྱོང་ལཱ་གཅིག་འབད་ནི་བཏུབ་ག་ ཨ་ལོ་ཚུ། སྦྱོང་ལཱ་འདི་ དུས་ཡུན་སྐར་མ་ ༡༠ གི་རིང་ལུ་འབད་ནི་ཨིན། དེ་ཡང་ ང་གིས་ ལྕགས་འཕྲིན་(Telegram) གི་སྡེ་ཚན་ནང་ སྒོ་ནོར་སེམས་ཅན་གྱི་ པར་གཉིས་བཀོད་འོང་། ཁྱོད་ཚུ་གི་ ག་ཅི་རང་འབད་དགོཔ་ཨིན་ན་ སྒྲ་གཟུང་འབད་དེ་ ལྕགས་འཕྲིན་(Telegram) ནང་ལུ་ཁ་གསལ་འབད་བཀོད་འོང་། འ་ནི་འབྲེལ་མཐུད་དེ་https://t.me/+oHAJADoZu3JiNzhl ཨེབ་ནི་ཨིན། འ་ནི་སྒྲ་གཟུང་འདི་ལེགས་ཤོམ་འབད་ཉན་ཞིནམ་ལས་ སྦྱོང་ལཱ་འདི་འབད་ནི་ཨིན་ བཏུབ་ག་ཨ་ལོ་ཚུ། (རྒྱ་བསྐྱེད་སྦྱོང་ལཱ) ག་དེམ་ཅིག་སྦེ་ ཁྱོད་ཀྱིས་སྦྱོང་ལཱ་འདི་ དུས་སྐར་མ་ ༡༠་གི་ནང་འཁོད་བྲིས་ཚར་བ་ཅིན་ འབྲི་དེབ་ནང་ཁྱོད་ཀྱིས་དགའ་མི་སེམས་ཅན་ གཅིག་གི་པར་བྲི་སྨ་རེ། བཀོད་རྒྱ་དབྱེ་ཞིབ། ཡ་་་་་ག་འབད་རུང་གཅིག་གིས་ སྦྱོང་ལཱ་འབད་ནི་གི་དུས་ཡུན་དང་ སྦྱོང་ལཱ་འབད་ཐངས་ཀྱི་སྐོར་ལས་ ག་དེ་སླབ་ཅི་ག་ ལོག་སླབ་ཤིག། དེ་ལས་ དོ་རུང་ སོ་སོ་གཅིག་གིས་ སྦྱོང་ལཱ་འདི་ དུས་ཡུན་བྱིན་མི་གི་ནང་འཁོད་ འབད་ཚར་བ་ཅིན་ ག་ཅི་འབད་དགོཔ་སྦེ་ སླབ་དེས་ག་སླབ་ནི། སྦྱོང་ལཱ་དབྱེ་ཞིབ། ད་འབདན་སྦྱོང་ལཱ་འབད་ནི་ དུས་ཚོད་ཚང་སོང་ཡི། ག་ར་སྦྱོང་ལཱ་འབད་ཚར་ཡི་ག། ད་ ཁྱོད་ཀྱིས་འབད་དེ་ཡོད་པའི་ སྦྱོང་ལཱ་འདི་པར་བཏབ་སྟེ་ ལྕགས་འཕྲིན་(telegram) སྡེ་ཚན་ནང་ལུ་བཀལ་བཞག་ནི་ཨིན་ བཏུབ་ག། སྦྱོང་ལཱ་བལྟ་རྟོགས། སློབ་ཕྲུག་ཚུ་ སྦྱོང་ལཱ་འབད་བཅུག་སྟེ་ བར་སྐབས་ཅིག་ལུ་ སྦྱོང་ལཱ་འབད་དོ་ག་ཟེར་བའི་ སྒྲ་བཟུང་ཡང་ན་ ཡིག་གུའི་ཐོག་ལས་ བརྡ་འཕྲིན་བསྐྱལ་ནི་ཨིན། དེ་བཟུམ་སྦེ་ དོགས་པ་རེ་ཡོད་པ་ཅིན་ ལྕགས་འཕྲིན་ Telegram གི་སྡེ་ཚན་ནང་ སླབ་བཅུག་ནི། སློབ་སྟོན་མཇུག་བསྡུ། དུས་སྐར་མ་ ༥། Evaluate and Revise ད་ ཐུན་ཚད་འདི་ མཇུག་བསྡུ་ནིའི་དོན་ལས་ དུས་ཡུན་སྐར་མ་ ༥ འདུག། དེ་འབདཝ་ལས་ ང་བཅས་ཚུ་ ད་རིས་ཀྱི་ཐུན་ཚད་ནང་ལུ་ ག་ཅི་ར་ལྷབ་ཅི་ག་ དེའི་སྐོར་ལས་ བསྐྱར་ཞིབ་ཚར་ཅིག་འབད་གེ་བཏུབ་ག? ཡ་བསྐྱར་ཞིབ་ཀྱི་དནོ་ལས་ སྒོར་ནོར་སེམས་ཅན་ ༥གི་མིང་བྲིས་ཏེ་ སྒོ་ནོར་སེམས་ཅན་ གཉིས་ཀྱི་ཁེ་ཕན་བྲི? (padlet.com) འབྲེལ་མཐུད་ནང་ལུ་ ཨེབ་དགོ། དེ་ལས་ (+) ནང་ལུ་ཨེབ་སྟེ་ བྲིས་དགོཔ་ཨིན། བྲིས་ཚར་ཞིནམ་ལས་ publish ནང་ལུ་ ཨེབ་སྟེ་ ཁྱོད་ཀྱིས་བྲི་མི་འདི་སྤྲོད་དགོ། དེ་ལས་ ང་གིས་ཁྱོད་ཀྱིས་བྲིས་མི་འདི་ལུ་བལྟ་སྟེ་ ད་རིས་ལྷབ་མི་ དོན་ཚན་འདི་ ལོག་ཤུལ་མའི་ཐུན་ཚད་ནང་ལུ་ ལྷབ་དགོཔ་འདུག་ག་ མིན་འདུག་ག་བལྟ་ནི་ཨིན་བཏུབ་ག? ཡ་དེ་སྦེ་ ཨིན་པ་ཅིན་ ཁྱིམ་ལཱ་གི་དོན་ལས་ དྲི་བ་འདི་ཚུ་ ཁྱོད་ཀྱི་ གློག་འཕྲིན་(gmail) ནང་ལུ་ བཀལ་བཞག་འོང་ འདི་ཁྱོད་ཀྱིས་ཁྱིམ་ནང་འགྱོ་སྟེ་ གློག་འཕྲིན་ཁ་ཕྱེ་སྟེ་ དྲི་བ་ཚུ་ལྷག་སྟེ་ ལན་བྲིས་སྦེ་འབག་ཤོག་སྨ་རེ། ཁྱིམ་ལཱ་འདི་ང་གིས་ ནངས་པ་སློབ་ཁང་ནང་འོངམ་ད་ དབྱེ་ཞིབ་འབད་ནི་ཨིན། ཁྱིམ་ནང་ལེགས་ཤོམ་སྦེ་སོང་སྨ་རེ་ ནངས་པ་སློབ་ཁང་ནང་འཕྱད་གེ་སྨ་རེ། ཡ་ཡ་བཀའ་དྲིན་ཆེ་ཨ་ལོ་ཚུ། བཀའ་དྲིན་ཆེ།

Comments

Popular posts from this blog

བརྡ་དོན་འཕྲུལ་རིག་གི་སྐོར།