DIGITAL CITIZENSHIP

༡༽ དྲི་ཇི་ཀྲཱལ་མི་ཁུངས་ ཟེར་མི་འདི་ མི་སྡེའི་འགན་ཁུར་གྱི་སྐོར་ལས་། བརྡ་དོན་འཕྲུལ་རིག་གི་མཁོ་ཆསདང་ གནས་ཚུལ་ལག་ལེན་འཐབ་པའི་སྐབས་ལུ་ ཀུན་སྤྱོད་རྣམ་གཞག་དང་ ཁྲིམས་དང་འཁྲིལ་བའི་འགན་འཁྲི་ དེ་ལས་ བློ་རིག་གི་རྒྱུ་དངོས་ཀྱི་བཅའ་ཁྲིམས་དང་ཁྲིལ་ཏེ་ ཚུལ་མཐུན་གྱི་ཐོག་ལས་ ལག་ལེན་འཐབ་མི་ལུ་སླབ་ཨིན། 

 ༢༽ དྲི་ཇི་ཀྲཱལ་མི་ཁུངས་འདི་ ལག་ལེན་འཐབ་སྟེ་ སློབ་དཔོན་གྱི་འགན་ཁུར་འདི་ 
  •  བདེན་པའི་གནས་ཚུལ་བྱིན་ནི།
  •   ཀུལ་ཁྱབ་བརྡ་སྤྲོད་འབད་ནི། (Advocacy )
  •  ལམ་ཤུལ་བཟང་པོ་སྟོན་ནི། (Digital foot print) 
  • འགན་ཁུར་སྒྲིང་སྒྲིང་འབག་ནི། 
  •  གུས་ཞབས་དང་བརྩི་མཐོང་བསྐྱེད་ནི། 

༣༽ དྲི་ཇི་ཀྲཱལ་མི་ཁུངས་ཀྱི་ ཁྱད་ཆོས་དགུ་
  • Digital Access ༼ རང་དབང་དང་གོ་སྐབས།༽ དེ་ཡང་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ནི་འདི་ མི་རང་རྐྱང་ལུ་ རང་དབང་དང་གོ་སྐབས་ཡོདཔ་ཨིན།
  • Digital Commerce ༼ཚོང་རིག་དང་འབྲེལ་བའི་གོ་སྐབས།༽ དེ་ཡང་ བརྡ་དོན་འཕྲུལ་རིག་ནང་ལུ་ ཚོང་དང་འབྲེལ་བའི་ གནས་ཚུལ་ཡང་བྱིན་བཏུབ་ཨིན།
  •  Digital Communication ༼ཀུན་ཁྱབ་བརྡ་སྤྲོད།༽ དེ་ཡང་ བརྡ་དོན་འཕྲུལ་རིག་ཐོག་ལས་ བརྡ་དོན་སྤྲོད་ལེན་ཡང་འབད་ཚུགསཔ་ཨིན།
  • Digital Literacy ༼ བྲི་ལྷག་ཤེས་ཡོན།༽ དེ་ཡང་ རང་ལུ་དགོ་པའི་ བྲི་ལྷག་ཤེས་ཡོན་ཡང་འཐོབ་ཚུགས།
  • Digital Etiquette ༼ འབད་བཏུབ་དང་མ་བཏུབ།༽ དེ་ཡང་ མི་སྡེ་ནང་ལུ་ འབད་བཏུབ་དང་མ་བཏུབ་ཚུ་ཡང་ བྱིན་ཚུགསཔ་ཨིན།
  • Digital Law ༼ ཁྲིམས་དང་འབྲེལ་བའི།༽ དེ་ཡང་ བརྡ་དོན་འཕྲུལ་རིག་ནང་ལུ་ ཁྲིམས་དང་འབྲེལ་བའི་ གནས་ཚུལ་ཡང་བྱིན་བཏུབ་ཨིན།
  • Digital Rights and Responsibilities ༼ འགྲོ་བ་མིའི་དབང་ཆ་དང་འགན་ཁུར།༽ དེ་ཡང་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་ནི་ལུ་ དབང་ཚད་ཡོདཔ་མ་ཚད་ དེ་དང་བསྟུན་པའི་ འགན་ཁུར་ཡང་འབག་འགོཔ་ཨིན།
  • Digital Health and Wellness ༼ གསོ་བའི་ཁེ་ཕན།༽ དེ་ཡང་ བརྡ་དོན་འཕྲུལ་ནང་ལས་ རང་ལུ་ཕན་པའི་ གསོ་བའི་བསླབ་བྱ་ཡང་ འཐོབ་ཚུགསཔ་ཨིན།
  • Digital Security  ༼ དངུལ་དང་འབྲེལ་བ། ༽ དེ་ཡང་ བརྡ་དོན་འཕྲུལ་རིག་ནང་ལུ་ དངུལ་དང་འབྲེལ་བ་ཡོད་མི་ གནས་ཚུལ་ཡང་སྤེལ་ཚུགསཔ་མ་ཚད་ ཁག་ཆེ་བའི་སྐོར་ལས་ཤེས་ཚུགས།

Comments

Popular posts from this blog

བརྡ་དོན་འཕྲུལ་རིག་གི་སྐོར།